འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

༼ཁ་བྱང་གཅིག་པའི་མཉམ་བྲིས་སྦྱངས་རྩོམ༽ གསེར་མདོག་གི་རྨི་ལམ། ལྗང་མྱུག

འདེམ་ཤོག 0

༼ཁ་བྱང་གཅིག་པའི་མཉམ་བྲིས་སྦྱངས་རྩོམ༽        

           གསེར་མདོག་གི་རྨི་ལམ།

               ལྗང་མྱུག


 

ངས     རང་ཉིད་ཀྱི་མགོ་ཐོག་ལ

མཐའ་མེད་པའི་ནམ་མཁའ་ཞིག་འབྲི་འདོད

དེ་ནི་འཕུར་བསྐྱོད་ལ་དགའ་བ་ཁོ་ན་མིན

གསེར་མདོག་གི་རྨི་ལམ་ཞིག་འཚོལ་ཕྱིར་ཡིན

 

ངས     རང་ཉིད་ཀྱི་རྐང་འོག་ལ

སྣེ་མེད་པའི་ལམ་བུ་ཞིག་འཐེན་འདོད

དེ་ནི་རྒྱང་རིང་ལ་དུངས་པ་ཁོ་ན་མིན

གསེར་མདོག་གི་རྨི་ལམ་ཞིག་འཚོལ་ཕྱིར་ཡིན

 

ངས     རང་ཉིད་ཀྱི་འཇིག་རྟེན་ལ

ཁེར་རྐྱང་གི་མཚན་མོ་མང་པོ་ཞིག་བགོ་འདོད

དེ་ནི་ཉི་ནུབ་ལ་གྱེས་ཕྱག་འབུལ་བ་ཁོ་ན་མིན

གསེར་མདོག་གི་རྨི་ལམ་ཞིག་འཚོལ་ཕྱིར་ཡིན   

 

  ༢༠༡༦-༣-༢༧ཉིན་བྲིས།

 

 

   གསེར་མདོག་གི་རྨི་ལམ།

                        

         དུག་ཚེར།

 

ཚེ་ཡི་མར་མེ་རླུང་གིས་དལ་བར་གཡོ།།

མང་པོ་མང་པོ་དྲན་ནས་ཅི་ཙམ་བགྱི།

འདས་པའི་ལོ་ཟླ་རིང་མོར་ཕྱིར་མིག་འཕེན།།

མ་འོངས་འབྱུང་འགྱུར་ལམ་བུར་རྩིས་ཅིག་འདེད།།

 

སྲིད་པའི་ཕུན་ཚོགས་འབྱོར་ཡང་མ་འབྱོར་ཡང་།།

གཞན་གྱིས་མིག་ལ་བབས་ཀྱང་མ་བབས་ཀྱང་།།

རང་ལམ་ཀྱག་ཀྱོག་རང་གི་འགྲོ་ལམ་ཡིན།།

རང་ལུས་འཁྱར་འཁྱོར་རང་གི་འགྲོ་སྟངས་ཡིན།།

 

ཐོས་འཛིན་བུ་གའི་བཟང་ངན་གང་ཡང་འཛིན།།

ཆུ་བུར་མིག་ལ་ཡག་བཙོག་གང་ཡང་ཤོངས།།

རང་མགོ་སྔས་ལ་བཞག་ནས་འདང་རྒྱབ་ན།།

ལས་འབྲས་མཇུག་ལྡོག་བྱ་བ་ཅི་ཡང་ཡོད།།

 

ཆོས་བཤད་བླ་མའི་ཁ་ན་རྫུན་ཡང་ཡོད།།

རྫུན་བཤད་ཐ་ཤལ་ངག་ན་བདེན་ཡང་ཡོད།།

རང་ཉིད་རྨོངས་བའི་སྦུབས་ལས་གྲོལ་འདོད་ན།།

ཡངས་བའི་རྒྱལ་ཁམས་བློ་དང་རིག་པས་འགྲིམ།།

 

རང་སེམས་ཁོག་ཡངས་བཟོད་པ་བདེ་བའི་ཐབས།།

རང་ཚིམ་ནོར་ལ་ཆོག་ཤེས་སྐྱིད་པའི་ཐབས།།

རང་སེམས་དགེ་ལ་སྦྱོར་བ་འདི་ཕྱིའི་ཚོགས།།

རང་གི་མདོ་དོན་མ་ནོར་གཅེས་པ་གལ།།

       ༣/༢༨ནུབ་མོར།


 

ཆེས་གསར་བའི་དྲི་བ། ཟླ 3 30, 2016 རིགས་གྲས།:སྙན་ངག་གི་རུ་སྡེའི་ཆེད་རྩོམ་བདམས་བཀོད། | སྤྱོད་མཁན།: སྙན་ངག་གི་རུ་སྡེ། (སྐར 2,963 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...