འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

དཀྲོལ་ལེན་པའི་ཡབ་ཆེན། མདའ:སྨྱུག་ཚོན།

འདེམས་ཤོག –1

དཀྲོལ་ལེན་པའི་ཡབ་ཆེན།

                  མདའ:སྨྱུག་ཚོན།


    ཁོང་ནི་ལོ་རབས་བརྒྱད་ཅུ་བའི་མཇུག་ཙམ་ནས་གླུ་གཞས་སྒྱུ་རྩལ་གྱི་གཤོག་པ་ཐོགས་ཏེ། ཁ་བ་གངས་རིའི་མཁའ་དབྱིངས་སུ་གནམ་འཕང་གཅོད་པའི་རྒོད་པོ་ཡ་མེད་ཅིག་ཡིན་ལ། ང་ནི་ལོ་རབས་དགུ་བཅུ་བ་ནས་དེ་རིང་གི་བར་དུ་ཁོང་གི་གླུ་སྐད་ལ་འབྲལ་མ་མྱོང་བའི་ཉན་མཁན་རང་ག་བ་ཞིག་ཡིན། དེ་བས་ཁ་ངོ་ཐུག་འཕྲོད་ཀྱི་འབྲེལ་འདྲིས་ཟབ་མོ་དེ་མེད་ཀྱང་། ཉན་མཁན་ཞིག་གི་ངོས་ཐད་ནས་བལྟས་ན་ཁོ་ལ་རྒྱུས་མངའ་ཧ་ཅང་འཛོམས་པོ་ཡོད། དེས་ན་ཁོང་གི་གླུ་སྐད་འཚོལ་སྙེག་གི་བརྒྱུད་ལམ་ལ་ཕྱིར་མིག་ཅིག་དང་། ཁོང་གི་མི་ཚེའི་བགྲོད་ལམ་ལ་ཕྱིར་རྟོག་ཅིག་བྱོས་ན། གླུ་བ་རྡོ་རེད་ངོ་མ་དེ་མཐོང་ཐུབ་ཀི་རེད་ལ་ངས་ཀྱང་ཅུང་ཙམ་ཤོད་ཀི་རེད། དེས་ན་མཚམས་འདི་ནས་ཁོང་གི་ཞབས་རྗེས་ལ་ཀློག་པ་བོ་དག་དང་ལྷན་གཅིག་མཉམ་རོལ་ཐེངས་ཤིག་བྱ། དུས་རབས་ཉི་ཤུ་བའི་ནང་དུ་ཁོང་གི་གླུ་སྐད་ལ་བརྒྱུས་པའི་སྒྱུ་རྩལ་བརྩམས་ཆོས་མང་ཆེ་བ་ནི། ཕོ་མོའི་ཚོར་བའི་གཟི་བྱིན་བརྗོད་སྙིང་དུ་བཟུང་བའི་དཀྲོལ་ལེན་དང་རོགས་བསྟོད་སོགས་ཀྱིས་བདག་གིར་བྱས་ཏེ། ན་གཞོན་རྣམས་ཀྱི་ཡིད་ཀྱི་མཚོ་མོ་རུ་ལྟེམ་མེར་འཁྱིལ་ཞིང་ཕོ་མོ་ཟུང་གི་བྲང་ཁར་སྟོན་ཞོ་བཞིན་ཆགས་ཡོད། དེ་བས། དུས་རབས་ཉི་ཤུ་བའི་ན་གཞོན་མང་ཤོས་ཤིག་ཁོང་གི་གླུ་སྐད་ཀྱིས་བྱིན་གྱིས་བརླབ་པ་རེད། དེ་ནས་དུས་རབས་ཉེར་གཅིག་པའི་ནང་དང་ལྷག་ཏུ་ཉེ་ལམ་ཉན་རྒྱུ་གོ་རྒྱུ་ཡོད་པའི་ཁོང་གི་གླུ་སྐད་ཀྱིས། ཁ་ཚ་དགོས་གཏུག་གི་སློབ་གསོ་གཙང་མ་ཞིག་མི་རེ་རེའི་སེམས་ངོགས་སུ་བཀྲམས་ཏེ་སྒུལ་ཤུགས་ཀྱང་མི་དམན་པ་ཞིག་བཞག་ཡོད། འདིས་ཅི་ཞིག་ཤེས་ཟེར་ན། གླུ་བ་ཞིག་གི་གླུ་གཞས་ནི་མིའི་འཚོ་བ་དང་དངོས་སུ་འབྲེལ་དགོས་པ་དང་། རང་གི་ན་ཚོད་དང་བསྟུན་པའི་སྒོ་ནས་གླུ་ལེན་ཤེས་དགོས་པ་དེ་ཚོར་ཡོང་། དེང་སང་གླུ་བ་མང་ཆེ་བ་ཞིག་གིས་ནི། སྤྱི་ཚོགས་འཚོ་བའི་ཁྲོད་དུ་བསྟོད་ཚིག་བྲིན་པར་བསམ་ནས་ཚུལ་འཆོས་ཀྱི་སྒོ་ནས་དགོན་པ་ག་གེ་མོའི་ཚོགས་འདོན་ཞིག་ལོས་ཡིན་བསམ་སྤྱད་ཀྱི་བསྟོད་པ་རྐྱང་རྐྱང་ལེན་པ་དང་། ལ་རྒྱའི་གླུ་ཚིག་རྒྱུག་ཆེ་བར་གཞིགས་ནས་ལ་རྒྱ་རྫུན་མ་རྐྱང་རྐྱང་ལེན་པ་རེད། དེ་བས་ལོ་ཚོད་བཅུ་ལ་སོན་མ་སོན་གྱི་གླུ་བ་ཆུང་ཆུང་དག་གིས་ཀྱང་རྒན་གཏམ་རྐྱང་རྐྱང་གི་གླུ་གཞས་ཀྱིས་འུ་ཚོ་ལ་ཁ་བརྡ་བྱེད་པ་རེད། འདིས་ཡང་ཅི་ཟེར་བ་ཡིན་ཟེར་ན། གླུ་བའི་སེམས་ཁམས་དང་གླུ་ཚིག་གི་བསྟན་དོན་གཉིས་འབྲེལ་མེད་དོན་གཞན་ཆགས་པ་དང་། གླུ་གཞས་དེ་རང་གི་ཤ་གསེང་རུས་གསེང་ནས་ཐོན་པ་ཞིག་མ་ཡིན་པར་མིའི་ཁ་ལ་རྒྱུག་པའི་ཁ་ཡི་རླངས་པ་ཙམ་རེད་ཟེར་བ་ཡིན། སྤྱིར་ན། སྒྱུ་རྩལ་བརྩམས་ཆོས་ཀྱིས་དམངས་སེམས་ལ་ཕར་ཁ་ལོ་བསྒྱུར་ཐུབ་དགོས་མོད། འུ་ཚོའི་གླུ་བ་དག་ནི་དམངས་ཀྱི་ཁ་ཕྱོགས་ཉེ་ཚེ་བས་ཚུར་ཁ་ལོ་བསྒྱུར་ནས་ཡར་འགྱུར་མར་ལོག་བྱེད་ཀི་ཡོད་པ་རེད། དེས་ན་གླུ་བ་རྡོ་རེད་ལ་མཚོན་ན་འདིའི་ཕྱོགས་ནས་རང་ཚིགས་ཤིག་དང་སྒེར་ཆོས་ཤིག་ཡོད་ཙང་། ཁོང་གི་ལ་རྒྱ་འཛིན་སྟངས་དེའང་དེང་སང་གི་གླུ་བ་ཡ་མ་བརླ་དག་དང་འདྲ་བ་མ་རེད། ཁོང་གིས་ནི། ངག་གི་གླུ་སྐད་ཀྱིས་ལ་རྒྱའི་སྒུལ་ཤུགས་བསྩལ་མྱོང་བར་མ་ཟད། ལག་ལེན་དངོས་ཀྱི་སྟེང་ནས་ཀྱང་གླུ་བ་རང་ག་བ་ཞིག་གིས་སྒྲུབ་མི་ཐུབ་པ་དག་སྒྲུབ་ཡོད། དེ་གང་ཡིན་ཞེས་དྲི་འདོད་ན། ལན་ཟུར་བ་མི་དགོས་པར་ཁོང་གི་མི་ཚེའི་བརྒྱུད་རིམ་ནས་ལན་ཡོང་གི་རེད། དཔེར་ན། ཁོང་གི་མི་ཚེ་བསྟིམ་སའི་སློབ་གསོའི་ལས་དོན་ཅིའི་ཕྱིར་མཚམས་འཇོག་དགོས་བྱུང་བ་རེད། རྨ་ཆུའི་སློབ་གཙོའི་ལས་གནས་ཅིའི་ཕྱིར་བསྐྱུར་དགོས་པ་རེད། གནད་འགག་དེའི་སྐབས་སུ་བྱ་བ་ཅི་ལྟར་སྒྲུབ་མྱོང་བ་རེད། དེ་བས་ངས་ནི་ཁོང་ལ་འདྲ་འདྲའི་ནང་གི་མ་འདྲ་བ་ཞིག་ཏུ་ངོས་བཟུང་ཡོད། ཁོང་ལ་དཀྲོལ་ལེན་པའི་ཡབ་ཆེན་ཞེས་དེང་སང་ཁ་ཤས་ཀྱིས་བཤད་ཀྱིན་པ་དེ་ལ་མོས་མཐུན་ཡོད་དོན་ཡང་། ཁོང་གིས་ཐོག་མར་གླུ་གཞས་བླངས་པ་རེད། བར་དུ་སློབ་མ་བསྐྱངས་པ་རེད། ཐ་མར་དཀྲོལ་ལེན་སྒྱུ་རྩལ་གྱི་དཔེ་དེབ་བརྩམས་ཆོས་ཤིག་ཀྱང་བརྩམ་གནང་མཛད་པ་དེའི་རྐྱེན་པས་ཡིན། ད་རེས་"མན་ཐོ་ལེན"གྱི་མེས་པོ་གངས་ལྗོངས་ཁུ་བྱུག་སྔོན་མོ་བཞུད་སོང་བ་རེད། མངའ་རིས་དཀྲོལ་ལེན་པའི་ཨ་མྱེ་དཔལ་མགོན་རྒས་སོང་བ་རེད། དེ་བས་ད་ནི་དཀྲོལ་ལེན་སྒྱུ་རྩལ་གྱི་རེ་བ་འཇོག་ས་ཁྱོད་གཅིག་པུར་ཆགས་ཡོད། མདོར་ན། ཝ་ལ་འགྲམ་ལྕག་བཞུས་འདྲའི་ཨག་སྐད་མཐོན་པོ་དེ་ཁྱེད་ལ་མེད་མོད། ངམ་ངམ་ལྷོད་ཀྱིས་བཞུར་བའི་གཞས་གདངས་སྙན་མོ་དེ་ཁྱེད་ལ་མངའ། ལ་རྒྱ་ཁ་ལ་བཟུང་བའི་ཚིག་སྐམ་བརྗིད་པོ་དེ་ཁྱེད་ལ་མེད་མོད། ལ་རྒྱ་ལག་ལ་བསྟར་བའི་དོན་དངོས་འཇོན་པོ་དེ་ཁྱེད་ལ་ཡོད། དཀྲོལ་ལེན་པའི་ཡབ་ཆེན་རྡོ་རེད་ལགས།

                          ༢༠༡༦/ཧོར་ཟླ་༢/ཚེས་༡༩/ཉིན།



 

ཆེས་གསར་བའི་དྲི་བ། ཟླ 3 30, 2016 རིགས་གྲས།:སྙན་ངག་གི་རུ་སྡེའི་ཆེད་རྩོམ་བདམས་བཀོད། | སྤྱོད་མཁན།: སྙན་ངག་གི་རུ་སྡེ། (སྐར 2,963 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...