འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

སྙན་ངག་པའི་ངལ་གསོ། མདའ་མེ་ལྕེས།

འདེམ་ཤོག 0

སྙན་ངག་པའི་ངལ་གསོ།

   མདའ་མེ་ལྕེས།


 

འཚོ་བའི་གདོང་ནས་ཤར་བ་དེ།།

སྨྱུ་གུའི་རྩེ་ལ་བཞག་པ་ན།།

རུས་པའི་གསེང་གི་ན་ཟུག་དེ།།

སྙན་ངག་ཅིག་གི་སྲོལ་གྱིས་བཞག།

 

མིག་གི་སྒོ་ནས་འཛུལ་བ་དེ།།

ཤོག་བུའི་ངོས་ལ་བབས་པ་ན།།

ཚོར་བའི་ཁམས་ཀྱི་ཟ་འཕྲུག་དེ།།

ཡིག་འབྲུ་འགའ་ཡི་གཟུགས་ཀྱིས་ཞི།།

 

ཡིད་ཀྱིས་མང་དུ་སྒོམ་པ་དེ།།

གསལ་བྱེད་གདངས་སུ་བརྒྱུས་པ་ན།།

དྲན་པའི་ངོས་ཀྱི་སྐྱོ་སྡུག་དེ།།

རོལ་མོ་ཞིག་གི་དབྱངས་ཀྱིས་དྭངས།།

 

ཕུགས་འདུན་སྣེ་རུ་དཔྱངས་པ་དེ།།

ཚིག་སྦྱོར་རྡང་ལ་བཏགས་པ་ན།།

སེམས་ཀྱི་གཏིང་གི་གསང་བ་དེ།།

མེ་ཏོག་ཅིག་གི་མདངས་ཀྱིས་བཞད།།

 

ནུབ་ལ་རིངས་པའི་ཉི་ཟེར་དེ།།

ལག་པའི་མཐིལ་དུ་བླང་བ་ན།།

ཚོར་བ་འགུལ་བའི་སྣང་བརྙན་དེ།།

སྒྲོན་མེ་ཞིག་གི་འོད་ཀྱིས་འཛུམ།།

 

དུངས་པས་ཡང་ཡང་བསྲུབས་པ་དེ།།

སོར་མོའི་རྩེ་ནས་ལྷུང་བ་ན།།

རྨི་ལམ་དཀྲོགས་པའི་ལྷ་མོ་དེ།།

ཚིགས་བཅད་ཅིག་གི་རུམ་ནས་ཤར།།

 

ཐ་སྙད་གདུ་བའི་བྲང་ཁོག་དེ།།

རིག་པའི་མཚོན་གྱིས་ཕྱེས་པ་ན།།

དྭངས་ཤིང་གཙང་བའི་སྙན་ངག་དེ།།

ཆུ་ཕྲན་ཞིག་གི་འགྲོས་ཀྱིས་བཞུར།།

2016--2--13ཉིན་གུང་ལ་བྲིས།


 

ཆེས་གསར་བའི་དྲི་བ། ཟླ 3 30, 2016 རིགས་གྲས།:སྙན་ངག་གི་རུ་སྡེའི་ཆེད་རྩོམ་བདམས་བཀོད། | སྤྱོད་མཁན།: སྙན་ངག་གི་རུ་སྡེ། (སྐར 2,963 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...