འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ང་༼སྐད་འཕྲིན་འདི་ལ་སྐྲག་གི༽ རྨ་སོག་མདུང་རིང་།

འདེམས་ཤོག –1

   ང་༼སྐད་འཕྲིན་འདི་ལ་སྐྲག་གི༽

        རྨ་སོག་མདུང་རིང་།

         ཁག་དང་པོ།


 

ལ་ལའི་སྐད་འཕྲིན་ལྷ་ཡི་ཕོ་ཉ་ཟེར།།

ལ་ལའི་སྐད་འཕྲིན་བདུད་ཀྱི་ཆོ་འཕྲུལ་ཟེར།།

འགའ་རེའི་སྐད་འཕྲིན་དུས་ཀྱི་མེ་ལོང་ཟེར།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

དཔོན་པོ་འགའ་རེ་ཁྱི་བཞིན་བཏགས་པ་མཐོང་།།

བླ་སྤྲུལ་འགའ་རེར་ཟོག་བཞིན་དམོད་པ་ཐོས།།

དམག་མི་འགའ་རེ་ཕག་ལྟར་བཤའ་བ་རིག།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

སྐད་འཕྲིན་ཡོད་སར་གྲྭ་བར་ཁ་འདོན་མེད།།

སྐད་འཕྲིན་ཡོད་སར་བཟའ་བར་འགྲིག་མཐུན་མེད།

སྐད་འཕྲིན་ཡོད་སར་སློབ་མར་སྐར་མ་མེད།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

སྐྱེས་པའི་གསང་བ་སྐད་འཕྲིན་སྒང་ནས་ཤོར།།

བུད་མེད་བརླ་སྒོ་སྐད་འཕྲིན་སྒང་ནས་བསྟན།།

ཨ་ཁུའི་གསོག་དངུལ་སྐད་འཕྲིན་སྒང་ནས་བཞུར།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

གཞོན་པས་ལོ་ལོན་མི་གཉོར་སྐད་འཕྲིན་གཉོར།།

བྱིས་པར་ཕ་མ་མི་མཁོ་སྐད་འཕྲིན་མཁོ།།

ཆུང་མས་བཟའ་ཟླ་མི་རུམ་སྐད་འཕྲིན་རུམ།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

ཤི་བོའི་བེམ་པོ་སྐད་འཕྲིན་སྒང་ནས་མངོན།།

རྨས་མའི་རྨ་ཁ་སྐད་འཕྲིན་སྒང་ནས་སྟོན།།

ཁྱིམ་མཚེས་ངུ་འབོད་སྐད་འཕྲིན་སྒང་ལ་འགོད།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

སྐད་འཕྲིན་རྩད་ནས་མཁས་པའི་མགྲིན་པ་འགགས།

སྐད་འཕྲིན་རྩད་ནས་བླུན་པོའི་ཚེ་སྲོག་འཆོར།།

སྐད་འཕྲིན་རྩད་ནས་མ་སྲིས་ཅོ་འཛིང་བྱེད།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

གསར་བུ་འགའ་རེས་ནང་དམེ་བྱེད་པ་རིག།

བུད་མེད་འགའ་རེས་ཁ་སྣ་བཅད་པ་སྟོན།།

ལོ་ལོན་འགའ་རེ་བདག་མེད་འཁྱམ་པ་མཐོང་།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

ཆུང་མ་ཕྲག་དོག་ཅན་རེ་སྨྱོ་སྤྱད་འདི།།

དགེ་རྒན་ཁོང་ཁྲོ་ཅན་རེ་བརླག་སྤྱད་འདི།།

བླ་སྤྲུལ་སྡོམ་ཤོར་འགའ་རེ་བཙོང་སྤྱད་འདི།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

སྐད་འཕྲིན་རྩེས་ནས་རླངས་འཁོར་གཡེང་ལ་ལྷུང་།།

སྐད་འཕྲིན་རྩེས་ནས་འཕྲུལ་རྟ་ཆུ་ལ་ལྕེབས།།

སྐད་འཕྲིན་རྩེས་ནས་གཅེས་སྲོག་ཤོར་བ་མང་།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

རྨས་མ་མི་སྐྱོབ་སྐད་འཕྲིན་སྒང་ལ་སྤེལ།།

རྐུན་མ་མི་བདའ་སྐད་འཕྲིན་སྒང་ལ་སྟོན།།

མི་སྲོག་སྐྱོབ་ལས་སྐད་འཕྲིན་བསྐུར་ལ་བྲེལ།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

ཆུང་མར་ཕྲག་དོག་ཆེ་ན་འདི་ལ་འཛེམས།།

གྲྭ་བར་སྡོམ་པ་མེད་ན་འདི་ལ་འཛེམས།།

བླ་མར་དམ་ཆོས་མེད་ན་འདི་ལ་འཛེམས།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

མཛེས་མ་མགོ་སྟོང་རྣམས་ཀྱིས་འདི་ལ་འཛེམས།།

གསར་བུ་ཆང་འཐུང་རྣམས་ཀྱིས་འདི་ལ་འཛེམས།།

སྐུ་ལོ་མོ་དགའ་རྣམས་ཀྱིས་འདི་ལ་འཛེམས།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

འགོ་ཁྲིད་རྒྱུ་དགའ་ཡོད་ན་འདི་ལ་འཛེམས།།

རྒན་མོ་མཇེ་དགའ་ཡོད་ན་འདི་ལ་འཛེམས།།

ཨ་ཁུ་སྟུ་དགའ་ཡོད་ན་འདི་ལ་འཛེམས།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

སྐད་འཕྲིན་མང་སར་གླུ་བའི་གླུ་མ་ལེན།།

སྐད་འཕྲིན་མང་སར་མཛེས་མའི་བྲོ་མ་འཁྲབ།།

སྐད་འཕྲིན་མང་སར་དཔོན་པོའི་གཏམ་མ་བཤད།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

མདང་དགོང་ཆང་འཐུང་སུ་ཞིག་མེད་སོང་ཟེར།།

ད་ནངས་བྱིས་པ་གང་ཞིག་རྐུས་སོང་ཟེར།།

ད་ད་འདིར་ཡང་མྱི་གཅིག་བསད་སོང་ཟེར།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

ཆུང་མས་རྒད་པོ་མེད་ཞེས་བརྡ་ཞིག་བརྒྱབ།།

རོགས་ལོས་ང་ཐོན་ཟེར་ནས་སྐྱིད་ཅིག་བརྒྱབ།།

རྒད་པོ་བར་ནས་ཐོན་ནས་གྱོད་ཞིག་བཟོས།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

མཛེས་མས་དགའ་གྲོགས་མེད་ཅེས་རྫུན་ཞིག་བཤད།

བཙུན་པས་གྲྭ་བ་མིན་ཞེས་མནའ་ཞིག་བསྐྱལ།།

འཚམ་ནས་གཟུར་བ་མེད་པའི་དུས་ཤིག་བཏབ།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

བླ་མས་སེམས་ཅན་ཟེར་ནས་ཆོས་ཤིག་གསུང་།།

བཙུན་མས་མིག་ཟུང་བཙུམ་ནས་ནད་ཅིག་ཞུས།།

བར་ནས་མོ་ཞིག་བཏབ་དུས་ཁྲུས་ཤིག་བབས།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

སློབ་མས་ཡིད་སེམས་སྡུག་ཞེས་འཕྲིན་ཞིག་བསྐུར།།

རྒན་གྱིས་སེམས་གསོ་ཟེར་ནས་མགྲོན་ཞིག་བྱས།།

ཐ་མར་མགྲོན་ཁང་གླས་ནས་ཆང་ཞིག་འཐུང་།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

ཧེ་ཧེས་ཇོས་བོ་ཟེར་ནས་མནའ་ཞིག་བསྐྱལ།།

རྒད་པོས་ལས་རློམ་ཟེར་བཞིན་གྲོགས་ཤིག་སྒྲིག།།

རྗེས་མར་མཉམ་འབྲེལ་ཡིན་ཞེས་ཚོང་ཞིག་བརྒྱབ།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

ཁྲམ་པས་ཕ་མ་ཟེར་ནས་རྫུན་ཞིག་བྲིས།།

ཕ་མས་གཅེས་ཕྲུག་ཟེར་ནས་ལན་ཞིག་དྲིས།།

མྱུར་དུ་སྒོར་མོ་མཁོ་ཞེས་བཀའ་ཞིག་བབས།།

ང་རང་སྐད་འཕྲིན་འདི་ལ་ཧ་ཅང་སྐྲག།

 

ཁ་འཕྲིན་ཁ་བ་ཅན་ལ་དར་བ་འདིས།།

ཁ་བའི་རང་མདངས་ཅུང་ཙམ་སྣོག་བཞིན་འདུག།

ཁ་ངན་རེད་ཅེས་ཁ་ཁྲིམས་བཅད་ན་ཡང་།།

ཁ་བའི་ལས་དོན་བསམ་ནས་བྲིས་ནི་ཡིན།།


 

ཆེས་གསར་བའི་དྲི་བ། ཟླ 4 3, 2016 རིགས་གྲས།:སྙན་ངག་གི་རུ་སྡེའི་ཆེད་རྩོམ་བདམས་བཀོད། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,733 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...