འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ཞེན་ཆགས་ཀྱི་རབ་ཁ། མདའ:སྨྱུག་ཚོན། རྨ་ལྷོ།

འདེམས་ཤོག –1

ཞེན་ཆགས་ཀྱི་རབ་ཁ།

མདའ:སྨྱུག་ཚོན། རྨ་ལྷོ།


 

སེམས་ཀྱི་རྩད་པ་སློག་ནས་སྒྱུ་མའི་གྲོང་ཁྱེར་ཞིག་བརྩེགས

སྣང་བའི་ཁྲུས་གཞོང་བླངས་ནས་ཐ་སྙད་ཀྱི་དུད་དྲེག་བཀྲུས

ཉི་མའི་གདོང་ནས་རྔུལ་ཆུ་བྲུག་སྟེ

ནམ་མཁའི་འདོམས་སུ་ཐིགས་པ་ཟགས་ཏེ

ང་ཡི་དུས་ཚོད་ཀྱི་སྒྱེ་མོ་སྟོང་བར་ཆགས་སོང

མུན་ནག་གི་ལྷན་པ་གཏེད་ནས

སྐར་མའི་སྐུད་པ་བརྒྱུས་ཏེ་འཚེམ་གྲུབ་ཅིག་འདོད་ཨང

 

འདོགས་ཐག་མེད་པའི་ཡིག་ཚོགས་ཀྱི་ཕུང་བོ

རྟོད་ཐག་ཆད་པའི་ཐ་སྙད་ཀྱི་ལུག་ཁྱུ

ཐིག་ཕྲེང་གིས་ལྕགས་ར་བསྐོར་བའི་ཤོག་ངོས་ཀྱི་ཡུལ་ལུང་དུ་བཀྲམ་ཡང

གས་ཆག་ཤོར་བའི་སྙན་ངག་ཅིག་གི་ཡ་ཁོག་བཙེམ་རྒྱུ་དང

ཚིལ་དྲེག་མཐུག་པའི་ཡིད་བརྙན་གྱི་རྙིང་དྲི་བཀྲུ་རྒྱུ་ཅི་འདྲའི་དཀའ

 

ལང་ཚོའི་འདབས་སུ་ནགས་སྐྱེས

ང་རྒྱལ་གྱི་བར་སྣང་དུ་གངས་ཆགས

ས་སྲོད་ཁུར་བའི་ཉི་འོད་ཅིག་ཉག་ཁར་བུད་དེ

དུས་ཚོད་ཀྱི་གཙང་བོའི་རབ་ཁར་ཞེན་ཆགས་ཀྱི་ཐི་གུ་ཞིག་བཟོས

སྤྲིན་པའི་ཞལ་ཁེབས་བཀྱགས་ནས

མུན་པའི་སང་རས་གཏེད་ནས

གློ་དང་མཆིན་པའི་འཁྱག་རོམ་ཉི་འོད་ལ་བསྲོ་འདོད་ཨང

 

 

          ༢༠༡༦/ཧོར་ཟླ༢/ཚེས༢༡/ཉིན།


 

ཆེས་གསར་བའི་དྲི་བ། ཟླ 4 3, 2016 རིགས་གྲས།:སྙན་ངག་གི་རུ་སྡེའི་ཆེད་རྩོམ་བདམས་བཀོད། | སྤྱོད་མཁན།: གླིང་སྟག་ཕྲུག (སྐར 5,723 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...