འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

གནའ་སྔ་མོ་ཞིག་ལ། རྨ་སོག་མདུང་རིང་།

འདེམས་ཤོག +1

གནའ་སྔ་མོ་ཞིག་ལ།

           རྨ་སོག་མདུང་རིང་།


 

སྐྲ་ལོ་རིང་པོ་རིང་པོ་ཡིན་པའི་དུས་སྐབས་ཤིག་ལ།།

སྨུག་པ་རབ་རིབ་རབ་རིབ་འཐིབ་པའི་གྲོང་ཁྱེར་དེ་ནས།།

འཁུར་ཚོས་དམར་པོ་དམར་པོ་མངོན་པའི་འབྲོག་མོ་ཞིག་ལ།།

དུངས་བ་རྣམ་དག་རྣམ་དག་ཡིན་པའི་གཏམ་རེ་ལབ་ཡོད།།

 

གློག་འོད་མོག་མོག་མོག་མོག་ཡིན་པའི་མཚན་མོ་ཞིག་ལ།།

སྡོང་ལོ་ཤག་ཤག་ཤག་ཤག་འཐོར་བའི་སློབ་གླིང་དེ་ནས།།

ཡིད་ཆེས་དམ་དམ་དམ་དམ་ཡིན་པའི་དུས་རེ་བཏབ་ཡང་།།

ལས་དབང་བཙན་པོ་བཙན་པོ་ཞིག་གིས་སོ་སོར་བྱས་སོང་།།

 

ཟ་ཁང་ཆུང་ཆུང་ཆུང་ཆུང་ཞིག་ནས་ཟས་རེ་ཟོས་ནས།།

ལམ་ཐག་ཀྱོག་པོ་ཀྱོག་པོ་རེ་ལ་གཏམ་རེ་བཤད་ནས།།

ཐོག་ཁང་མཐོན་པོ་མཐོན་ཞིག་གི་གམ་ལ་བསྐྱལ་བ།།

ཆུང་གྲོགས་ཡག་པོ་ཡག་པོ་ཁྱེད་ཀྱིས་ད་དུང་ཨེ་དྲན།།

 

 

སློབ་གྲོགས་མཐུན་པོ་མཐུན་པོ་ཞིག་གི་སྐྱེས་སྐར་སྟེང་ནས།།

མཛེས་མ་མང་པོ་མང་པོ་ཞིག་གི་མཐའ་ནས་བསྐོར་དུས།།

ཝུ་ཆང་ཞིམ་པོ་ཞིམ་པོ་ཞིག་གིས་བཟི་བའི་དགོང་མོར།།

མིག་ཟུར་ཡག་པོ་ཡག་པོ་ཞིག་གིས་རུམ་པ་དྲན་གི།།

 

 

བར་ཐག་རིང་པོ་རིང་པོ་ཡིན་པའི་ལོ་ཟླའི་ནང་ལ།།

རེ་སྒུག་ད་དུང་ད་དུང་ཡོད་པའི་འཕྲིན་རེ་བསྐུར་ཡང་།།

མིག་ཆུ་ཟམ་ཟིམ་ཟམ་ཟིམ་ཞིག་གི་ཁ་དོག་མ་གཏོགས།།

ཚེ་གཅིག་ལྷན་དུ་ལྷན་དུ་འཛོམས་པའི་སྐལ་བ་མ་བྱུང་།།

 

ཚེ་གྲོགས་བཙན་པོ་བཙན་པོ་ཞིག་གི་སྡང་མིག་འོག་ནས།།

སེམས་པ་གཉོམ་པོ་གཉོམ་པོ་ཞིག་གིས་རྒྱང་བལྟ་བྱས་ཀྱང་།།

མི་བུ་ཁེར་རྐྱང་ཁེར་རྐྱང་ཞིག་གི་སྐྱོ་ངལ་མ་གཏོགས།།

གནས་མ་གཞན་དབང་གཞན་དབང་ཞིག་གིས་ཅི་ཞིག་མཐོང་སྲིད།།


 

ཆེས་གསར་བའི་དྲི་བ། ཟླ 4 4, 2016 རིགས་གྲས།:སྙན་ངག་གི་རུ་སྡེའི་ཆེད་རྩོམ་བདམས་བཀོད། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...