འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

དྲན་པ་དམར་རྗེན་མ། མདའ་་་ཀུ་ཤུས།

འདེམས་ཤོག –1

དྲན་པ་དམར་རྗེན་མ།

མདའ་་་ཀུ་ཤུས།


སྣང་བ་གྱང་ཁའི་འཇག་སྐྱ་རླུང་ཁུར་མ།།

གཏན་ཚིགས་གོར་མོ་རྡོ་ལ་བཅོལ་བ་ན།།

བདེན་ཞེན་བལ་དང་འདྲ་བའི་ཁྱོད་དང་ང་།།

ཡང་མོའི་རླུང་གི་ནམ་ཁུར་ཆ་མེད་རེད།།

 

དྲན་པའི་ཤེས་པ་སྲབ་མེད་རྟ་རྒོད་འདི།།

འདོད་ཡོན་བདེ་མོའི་སྤང་ལ་ཕུལ་ཐང་ན།།

ཆོག་ཤེས་ངལ་བ་མེད་པར་འདུར་རྒྱུགས་བྱེད།།

བདེ་སྐྱིད་མེ་ཏོག་བཅོམ་པའི་ངང་ཚུལ་ཞིག།

 

གདོང་ན་བཞད་པའི་འཛུམ་ཆུང་མེ་ཏོག་དེ།།

ངོ་བསྟོད་སྦྲང་ཆར་འཇོ་ན་མཛེས་མོད་ཀྱང་།།

དྲང་བདེན་བསིལ་རླུང་ཁྲོད་ནས་འཐོར་འགྲོ་བ།།

ང་དང་ཁྱོད་མིན་རྐང་གཉིས་མང་བོ་ཞིག།

 

རི་ལ་འཛེག་པའི་རྐང་རྗེས་གསལ་ན་ཡང་།།

ཕྲག་དོག་ཕྱགས་མས་གཡབ་མོ་ཡང་ཡང་བྱེད།།

འཆི་བདག་མུན་པ་རྫོགས་པའི་དུས་ཚིགས་དེར།།

སྙན་གྲགས་བ་དན་བསྒྲེང་བའི་རྗེས་དྲན་ཡིན།།

 

༢༠༡༦ཧོར་ཟླ༡ཚེས་༡༦ཉིན།


 

ཆེས་གསར་བའི་དྲི་བ། ཟླ 4 5, 2016 རིགས་གྲས།:སྙན་ངག་གི་རུ་སྡེའི་ཆེད་རྩོམ་བདམས་བཀོད། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...