འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

མི་རྐྱང་གི་དྲན་གདུང་།

འདེམ་ཤོག 0

མི་རྐྱང་གི་དྲན་གདུང་།       

   1

མི་རྐྱང་གཅིག་པུ་སྡོད་དུས།།

རང་སེམས་དུངས་བའི་མི་ལ།།

ཚིག་གསུམ་བཤད་ན་འདོད་རུང་།།

བར་ཐག་རི་བོས་བཅད་ཡོད།།           

   2

རི་དང་གཙང་བོའི་རྒྱབ་ཀྱི།།

ཡིད་མཐུན་འཛུམ་དཀར་སྒྲོལ་མ།།

རང་སེམས་ཨ་སྔོན་དབུས་ལ།།

ཤར་ཚེ་གནམ་མཐའ་ཆར་རེད།།           

   3

ཡིད་སེམས་མེ་ཏོག་གླིང་ཀའི།

།སྙིང་གཏམ་པད་མ་འདབ་བརྒྱད།།

དཀར་འཇམ་ཤོག་བུའི་སྟེང་ལ།།

རི་མོ་གཟུགས་སུ་བྲིས་ཡོད།།          

4

ལེ་དབར་སྟོང་ཕྲག་མཚམས་ཀྱི།།

གཤིས་བཟང་སྒྲོལ་མའི་ཕྱོགས་སུ།།

ལྷོ་སྤྲིན་ཕར་འགྲོ་ཞིག་ལ།།

དྲན་པའི་འཕྲིན་དེ་སྐུར་ཡོད།།      

      5

ལས་དང་བརྩེ་བས་སྦྲེལ་བའི།།

གཤིས་འཇམ་ཡིད་ཀྱི་ཐིག་ལེ།།

སྤྲིན་ལ་བསྐུར་བའི་འཕྲིན་དེ།།

ལག་ཏུ་འབྱོར་བ་ཨེ་བྱུང་།།             

     6

བྱམས་པར་བསྐུར་བའི་འཕྲིན་དེ།།

ཁངས་དང་ཆར་གྱིས་ཟོས་བས།།

རི་དང་གཙང་བོའི་རྒྱབ་ཀྱི།།

བྱམས་པའི་སེམས་པ་འཁྱག་སོང་།།          

     7

དགུན་གསུམ་ཁ་བ་བབས་པ།།

དགུང་གི་ཉི་མས་ཞུ་འགྲོ།།

ཡིད་སེམས་སྡུག་པའི་ཁ་བ།།

ཉི་བརྒྱ་ཤར་ཀྱང་མི་ཞུ།།              

   8

སློབ་གླིང་གཅིག་ན་གནས་དུས།།

འཕྲད་པའི་གོ་སྐབས་ཕྲ་ཡང་།།

མི་ཚོགས་ནགས་ཀློང་བརྒྱུད་དེ།།

དགའ་བའི་ཟུར་མིག་འཕངས་ཆོག།           

 9

ངལ་གསོ་ཉི་མའི་དུས་ལ།།

ཐུག་འཕྲད་དུས་ཆད་བྱས་ཏེ།།

སྙིང་གཏམ་འོ་ཇ་མངར་མོ།།

དགའ་སྤྲོའི་ངང་ནས་བཞེས་ཆོག།               

   10

ཡིད་འདྲིས་སྒེག་ལྡན་བུ་མོས།།

སྐྱེ་གཟུགས་ཚིག་དྲུག་སྨྱུག་མ།།

གོམ་པའི་ཉམས་དང་བསྡེབས་ན།།

གསེར་མིག་མཚོ་ནས་འཁྱུག་འདྲ།།           

     11

རུ་སྡེའི་མྱི་ཁ་རླུང་རེད།།

རླུང་བུ་ནམ་གཡུག་ཆ་མེད།།

ཞེ་འདང་འཇའ་ཡི་གུར་ཁང་།།

མི་ཤིགས་བྲག་རི་བརྩེགས་འདྲ།།     

     12

སྤང་ལྗོངས་གོས་ཀྱི་གདན་ཆེན།།

མེ་ཏོག་ཕྲ་བརྒྱན་བཏབ་ཡོད།།

བྱམས་པར་བཤད་པའི་སྐད་ཆ།།

མེ་ཏོག་སྣ་བརྒྱའི་གོ་ཡོད།།         

   13

ཆུང་འདྲིས་མེ་ཏོག་མཚོ་མོས།།

ལག་ཟུང་པད་མའི་འདབ་མ།།

བདག་གི་ལུས་ལ་འཁྱིལ་བ།།

གཡང་ལུག་དཀར་མོའི་མཐོང་སོང་།།        

     14

ང་དང་ཆུང་འདྲིས་བྱམས་པས།།

འཁོར་བ་གཅིག་གི་ཁྱིམ་ལ།།

འཛོམས་པའི་སྙིང་གི་སྨོན་ལམ།།

དཀོན་མཆོག་ལྷ་ལ་ཞུས་ཡོད།།             

15

ང་དང་ཆུང་འདྲིས་བྱམས་པ།།

ཁྱིམ་ཚང་གཅིག་གི་གཞི་ལ།།

འཛོམས་པའི་སྐལ་བ་བྱུང་ན།།

མི་འབྲལ་དམ་བཅའ་བཞག་ཡོད།།    

མདའ:གསེར་ཞུན་གྱིས་བྲིས།


 

ཆེས་གསར་བའི་དྲི་བ། ཟླ 4 25, 2016 རིགས་གྲས།:སྙན་ངག་གི་རུ་སྡེའི་ཆེད་རྩོམ་བདམས་བཀོད། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...