འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

སྨུག་གསེབ་ཀྱི་དབྱངས། སྐར་མདའ་ནས།

འདེམ་ཤོག 0

སྨུག་གསེབ་ཀྱི་དབྱངས།                      

 སྐར་མདའ་ནས།

སྨུག་པ་དེ་ནས་ལངས་ཤིང་འདི་རུ་དྭངས།།

འོ་མའི་སྤྲི་ཞག་འཐོར་བའི་ཚུལ་གྱིས་སྒེག།

ཆར་བའི་བསང་གཏོར་འགྲེམ་པ་རླུང་བུའི་ཕྱག།

ལྗང་མྱུག་དབུ་ལ་རེག་པས་ཅི་ཞིག་དྲན།།

 

སེམས་ཀྱི་ཨ་ལུང་སིལ་སིལ་འཐོར་བའི་སྒྲ།།

དབྱངས་ལ་ཞུགས་ཤིང་ཆར་བའི་གར་དང་བསྡེབས།།

ཕར་བལྟས་འཁོར་བའི་སྣང་བརྙན་མཛེས་མཛེས་པ།།

ཚུར་བལྟས་རོ་སྒམ་ནང་གི་མེ་ཏོག་བཞིན།།

 

སྣང་བའི་རི་རྩེར་དར་ལྕོག་གཡོ་བའི་འཕྲུལ།།

སྨིག་རྒྱུའི་དཀྱིལ་འཁོར་དེ་ན་ཞིག་ཅིང་འཐོར།།

སྟོང་གཟུགས་ཨ་ཡིག་ཀློག་པའི་མུ་ཅོར་བ།།

སྲོད་ཀྱི་བྱ་ཚོགས་འཕུར་བའི་གཤིས་ལ་ལྟོས།།

 

འདི་སྣང་བྱེ་མའི་སྨུག་པ་དྭངས་པ་ན།།

གཉེན་ཉེ་དགའ་བའི་ཚོགས་ཀྱི་མེ་ཏོག་ཀྱང་།།

གཡས་ནས་འཐོར་ཞིང་གཡོན་ནས་སྐམ་འགྱུར་བས།།

སྐྱོ་སུན་འདི་ཡང་སྨུག་པའི་རྗེས་སུ་འགྲོ།།                             ༢༠༡༦:༣:༡༨


 

ཆེས་གསར་བའི་དྲི་བ། ཟླ 4 25, 2016 རིགས་གྲས།:སྙན་ངག་གི་རུ་སྡེའི་ཆེད་རྩོམ་བདམས་བཀོད། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...