འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ཆུང་མས་འདི་ལྟར་ལབ་ན་ཅི་མ་རུང་། རྨ་སོག་མདུང་རིང་།

འདེམ་ཤོག +2

ཆུང་མས་འདི་ལྟར་ལབ་ན་ཅི་མ་རུང་།

         རྨ་སོག་མདུང་རིང་།


གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
ཁང་རྩེག་མཐོན་པོའི་སྡོད་ཁང་མི་དགོས།།
དྲོད་སྐྱིད་ཁང་མིག་ཆུང་ངུ་ཞིག་ནས།།
མཉམ་དུ་འཚོ་བ་རོལ་ན་དེས་ཆོག།

གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
མགྱོགས་པའི་རླངས་འཁོར་གོང་མཐོ་མི་དགོས།།
མི་ཚེའི་བཞུད་ལམ་རིང་མོའི་ཁྲོད་དུ།།
ལག་རྡང་བྱས་ནས་བགྲོད་ན་དེས་ཆོག།

གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
གསེར་དང་དངུལ་གྱི་རྒྱན་ཆ་མི་དགོས།།
འ་འགྲིག་ཆ་འགྲིག་སོར་གདུབ་ཟུང་ཞིག།
ཕན་ཚུན་དྲན་རྟེན་བྱས་ན་དེས་ཆོག།

གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
ཁ་ཡག་ཚིག་གི་ཕྲེང་བ་མི་དགོས།།
དགའ་སྐྱོ་གང་གི་གནད་ལ་ཐུག་དུས།།
ནམ་ཡང་གམ་དུ་བཞུགས་ན་དེས་ཆོག།

གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
སྐད་ངག་སྙན་མོའི་མཛའ་གཞས་མི་དགོས།།
སེམས་ནས་བྲིས་པའི་སྙན་ངག་རྐང་གཅིག།
སྔས་འགྲམ་གྱང་ངོར་བཀལ་ན་དེས་ཆོག།

གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
ཉིན་དང་མཚན་ལ་རུམ་པ་མི་དགོས།།
ཡིད་ཆེས་གསེར་གྱི་ཐག་པ་ཞིག་གིས།།
གཅིག་སེམས་གཅིག་ལ་གཏགས་ན་དེས་ཆོག།

གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
ཤོག་དངུལ་མང་པོའི་ཡོང་སྒོ་མི་དགོས།།
སྤྲོ་སྐྱིད་སྟབས་བདེའི་འཚོ་བ་ཞིག་ལ།།
མཉམ་འདུག་མཉམ་རོལ་བྱས་ན་དེས་ཆོག།

གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
མནའ་ཚིག་དྲག་པོའི་དམ་བཅའ་མི་དགོས།།
དུང་སེམས་ཚིག་གི་མེ་ཏོག་འགའ་རེ།།
ལན་རེར་སེམས་ལ་བཞག་ན་དེས་ཆོག།

གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
བླ་མ་དཔོན་པོའི་ཐོབ་ཐང་མི་དགོས།།
ཚུལ་མཐུན་བྱ་བའི་ཧུར་བརྩོན་ཁྲོད་ནས།།
འཚོ་རྟེན་འབའ་ཞིག་རྙེད་ན་དེས་ཆོག།

གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
ཚོང་རྟགས་ཆེན་པོའི་ལྭ་བ་མི་དགོས།།
དྲོད་ཅིང་འཇམ་པའི་གྱོན་གོས་འགའ་རེ།།
གྲལ་དག་ངང་གིས་གྱོན་ན་དེས་ཆོག།

གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
གནམ་ས་བསྐོར་བའི་དཀའ་ལས་མི་དགོས།།
དོན་སྙིང་ལྡན་པའི་གནས་རྙིང་འགའ་རེར།།
པར་རེ་བརྒྱག་བཞིན་བསྐྱོད་ན་དེས་ཆོག།

གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
ཚ་དྲོད་ཁྲུས་ཀྱི་གཞོང་བ་མི་དགོས།།
དྭངས་གཙང་ཆུ་དང་མཚོ་ཆུང་ཁ་རུ།།
ལན་རེར་རྩེད་རུ་ཕྱིན་ན་དེས་ཆོག།

གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
ཤ་ཆང་ཟས་ཀྱི་མཆོད་པ་མི་དགོས།།
ཡུལ་ཟས་སྦྲང་དཀར་རྩམ་པ་ལ་སོགས།།
དྭངས་གཙང་ཟས་ཤིག་རོལ་ན་དེས་ཆོག།

གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
བུ་དང་བུ་མོའི་དམག་ཁྱུ་མི་དགོས།།
དཔྲལ་བའི་མིག་དང་སྙིང་ཆུང་ལྟ་བུའི།།
གཅིག་དང་གཉིས་ཙམ་ཐོབ་ན་དེས་ཆོག།

གལ་ཏེ་ཁྱེད་རང་ང་ལ་དགའ་ན།།
འཆི་མེད་ཚེ་ཡི་རིལ་བུ་མི་དགོས།།
མཉམ་དུ་སྐྲ་ལོ་དཀར་པོར་གྱུར་ནས།།
ཤི་དུས་འགྱོད་པ་མེད་ན་དེས་ཆོག།


 

ཆེས་གསར་བའི་དྲི་བ། ཟླ 5 4, 2016 རིགས་གྲས།:སྙན་ངག་གི་རུ་སྡེའི་ཆེད་རྩོམ་བདམས་བཀོད། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...