འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ཚོར་འགྱུ་སྤྲིན་ཐེད་མ། རྨ་སོག་མདུང་རིང་།

འདེམས་ཤོག –1

ཚོར་འགྱུ་སྤྲིན་ཐེད་མ།

 

      རྨ་སོག་མདུང་རིང་།


 

གོམ་གསུམ་སྤོ་ཉེས་ཤིག་གིས།།

མུན་པའི་གཡང་ལ་ལྷུང་སོང་།།

ཚིག་གསུམ་བཤད་ཉེས་ཤིག་གིས།།

བཙན་པོའི་ཁྲིམས་ལ་ཐོགས་སོང་།།

 

འགྲོ་དགོས་འགྲོ་དགོས་བསམ་ནས།།

རྟ་ལ་སྒ་ཆ་བྱས་ཀྱང་།།

ཞེན་ཆགས་སེམས་ཀྱི་བདུད་མོས།།

སྲབ་མདའ་གློད་པ་མ་བྱུང་།།

 

གྲོགས་ངན་ཁ་ལ་ཉན་ནས།།

བླ་མའི་གདམས་ངག་བོར་སོང་།།

རྨོངས་པའི་གཉིད་ལས་སད་དུས།།

མུན་པའི་གཟེབ་ལ་ཚུད་འདུག།

 

ཁྱི་དང་འདྲ་བའི་གྲོགས་ལ།།

བློ་གཏད་བྱེད་ས་མ་རེད།།

དེ་རིང་བསྟན་པའི་འཛུམ་དཀར།།

སང་ཉིན་གསོད་པའི་གྲི་རེད།།

 

སྔ་མོ་མལ་ལས་ལངས་དུས།།

ཁ་བའི་བགྲོད་ལམ་གཡོགས་འདུག།

ཨ་མའི་བཟོས་པའི་ཀོ་ལྷམ།།

ཡིད་ལ་འཁོར་འཁོར་བྱས་བྱུང་།།

 

ཨ་ཐང་ཆད་པའི་དུས་ལ།།

དཀོན་མཆོག་དཀོན་མཆོག་མ་ཟེར།།

རང་ཉིད་སྐྱོབ་པའི་མགོན་ལ།།

རང་ལས་ཡོད་ས་མ་རེད།།

 

ཁྭ་ཏ་འདྲེ་བྱ་མ་ཟེར།།

ཁུ་བྱུག་ལྷ་བྱ་མ་ཟེར།།

བགྲེ་བ་སྙན་དང་མི་སྙན།།

ལྷ་འདྲེའི་ཁྱད་པར་མ་རེད།།

 

ལམ་ལ་དགྲ་བོ་མང་པ།།

ཡ་རབས་དགེ་བའི་ལམ་རེད།།

དགྲ་བོ་ཀུན་གྱི་གཏེ་བོ།།

གཞན་མིན་རང་གི་སེམས་རེད།།

 

དྲིན་ཆེན་ཕ་མའི་བཀའ་གསུང་།།

མ་བརྗེད་ཡིད་ལ་ཟུངས་དང་།།

མི་ཚེ་གཅིག་གི་ནང་ལ།།

བསླུ་བ་མེད་པའི་ཚིག་རེད།།

 

ཨ་མར་ལྷན་འཛོམས་དུས་ལ།།

ཨ་མའི་བཀའ་དྲིན་མ་ཤེས།།

ཨ་མ་རྒྱང་ལ་བྲལ་དུས།།

ཨ་མ་སྙིང་ནས་དྲན་བྱུང་།།

 

ཆང་ལ་བདུད་རྩི་མ་གསུང་།།

ཧུབ་གསུམ་འཐུང་དང་དུག་རེད།།

དུག་དང་འགྲོགས་པའི་མི་ཕོ།།

རིང་བོར་ཐོན་ས་མ་རེད།།

 

ཁ་དོ་ཁ་ལ་ཞིམ་ཡང་།།

གློ་བ་ནད་ཀྱིས་བཟུང་འདུག།

འཆི་བདག་རྒན་པོའི་དྲུང་ལ།།

བང་གིས་རྒྱུག་དོན་ཅི་རེད།།

 

དབྱར་གཞུང་ལྟ་བུའི་མི་ཚེ།།

དོན་མེད་སྟོང་བར་ཤོར་ན།།

ལྗོན་ལོ་ཆུ་བོས་འཁུར་དུས།།

སེམས་པ་སྐྱོ་སྐྱོ་ཞིག་རེད།།

 

རྒྱང་རིང་ཡིད་མཐུན་ལྷ་མོར།།

དྲན་པའི་ཚིག་གསུམ་བསྐུར་ཡང་།།

འཕྲིན་ལ་འཕྲིན་ལན་མེད་པ།།

ང་རང་བརྗེད་པའི་རྟགས་རེད།།

 

བཙུན་ཆུང་ཡོན་ཏན་རྒྱ་མཚོ།།

གྲོང་ཆོག་རྒྱུ་ལ་མ་རྔམས།།

སྟོན་པའི་ནབས་བཟའ་སེར་བོ།།

འཁོར་བའི་མེ་ཡིས་ཚིག་འགྲོ།

 

མཁའ་མཐའི་འཇའ་ཚོན་སྟོང་བ།།

མདང་གི་རྨི་ལམ་སྟོང་བ།།

སྟོང་བའི་འཇིག་རྟེན་ཞིག་ནས།།

འཁྱམ་པོའི་གནས་ཚང་མ་རྙེད།།

 

ལག་མགོའི་ཆུ་ཚོད་འཁོར་ལོ།།

རྟ་ཕོ་ལས་ཀྱང་མགྱོགས་པ།།

ཐག་རིང་ཡུལ་གྱི་ཨ་ཇོ།།

ད་དུང་སླེབས་རྒྱུ་མ་བྱུང་།།

 

སྲང་ཆུང་གངས་དཀར་སྒྲོལ་མ།།

བཞོ་ཟེའུ་ཐང་ལ་ཞོགས་དང་།།

སྐྱིད་པའི་ཞིང་ཁམས་ཤིག་ལ།།

ཕུ་བོ་ང་ཡིས་ཁྲིད་ཆོག།།

 

རི་མགོའི་ལུག་ཁྱུ་དཀར་པོ།།

སྤྲིན་པ་ལས་ཀྱང་མཛེས་པ།།

ལུག་རྫི་གཉིད་ལ་མ་ལོག།

རི་སྤྱང་ནམ་ཐོན་ཆ་མེད།།

 

བླ་དཔོན་བཟང་པོའི་འབངས་མི།།

རྒྱ་མཚོའི་ནང་གི་ཉ་རེད།།

མཚོ་ལ་ཁ་ཞེང་ཆེ་བས།།

ཉ་མོ་ཁྲི་མ་འབུམ་རེད།།

 

རྒྱུ་ལ་རྔམ་པའི་དཔོན་ཆུང་།།

མི་ཤ་ཟ་བའི་འདྲེ་རེད།།

དཀོར་ལ་འདུར་བའི་སྐུ་ལོ།།

གཟིག་ལྤགས་གྱོན་པའི་ཁྱི་རེད།།

 

གངས་རིའི་བུ་དང་བུ་མོ།།

ལང་ཚོའི་དཔུང་རྡང་སྦྲེལ་དང་།།

ཕ་ས་གཡང་གི་ར྄་བ།།

དམར་ཆུང་སྲོག་གིས་སྲུང་ཆོག།

 

རྟ་རྒོད་རི་ལ་ཤོར་ན།།

གཟན་དང་ཐག་པའི་མི་ཁུགས།།

ཉིན་དང་མཚན་ལ་འགོར་ན།།

རྟ་ཁྱུ་དྲན་ནས་ལོག་འོངས།།

 

བརྩེ་དུང་བརྩེ་དུང་ཟེར་བ།།

འཛིན་མེད་ལ་མགོའི་སྨུག་རེད།།

སྨུག་དེ་མགོ་ལ་འཐིབས་དུས།།

གར་འགྲོ་རང་དབང་མི་འདུག།

 

མི་ལུས་མི་ལུས་ཟེར་བ།།

སྒྱུ་མའི་རྩེད་ཆས་རང་རེད།།

རྣམ་ཤེས་ལུས་དང་བྲལ་དུས།།

རྒོད་པོས་ལྟོ་ལ་ཁུར་འགྲོ།

 

ཁ་བ་འབབ་ཐེངས་རེ་ལ།།

རྒྱང་རིང་སྤུན་ཟླ་དྲན་བྱུང་།།

སྙིང་ལ་ཉར་བའི་རེ་སྒུག།

གངས་རི་ལས་ཀྱང་མཐོ་བ།།

 

ཆུ་མོ་ཤག་ཤག་བཞུར་སོང་།།

དར་ལྕོག་ལྷབ་ལྷུབ་གཡུགས་བྱུང་།།

རེ་སྨོན་རླུང་རྟ་དཀར་པོ།།

ཡར་ཡར་འཕུར་བས་མཛེས་པ།།

 

གསང་བ་གཞན་ལ་མ་བཤད།།

གསང་བ་ཁྱེད་ལ་བཤད་ཡོད།།

ཁྱེད་ལ་བཤད་པའི་གསང་གཏམ།།

ཆེས་གསར་བའི་དྲི་བ། ཟླ 5 11, 2016 རིགས་གྲས།:སྙན་ངག་གི་རུ་སྡེའི་ཆེད་རྩོམ་བདམས་བཀོད། | སྤྱོད་མཁན།: སྙན་ངག་གི་རུ་སྡེ། (སྐར 2,963 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...