དེ་དང་འབྲེལ་ཡོད་ཀྱི་དྲི་བ་མ་རྙེད།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

དཀའ།ཐུབ་གཞོན།མཛོད་དགེ།

འདེམས་ཤོག +1

༼དཀའ།༽

 

                ཐུབ་གཞོན།[མཛོད་དགེ།]

 

སུ་དང་ལབ་ཀྱང་དྲང་བོའི་ལན་ཞིག་དཀའ།།

གང་དུ་སོང་ཡང་དགྱེས་པའི་གནས་ཡང་དཀའ།།

སྤྲོས་པའི་གཟེབ་ཏུ་ཚུད་པའི་འཇིག་རྟེན་ནས།།

སྤྲང་བོ་འཚོ་བའི་གནས་མལ་ཤིན་ཏུ་དཀའ།།

 

རྣམ་འབྱེད་བློ་ཡི་ཕྱུག་པོ་ཕྲ་ཙམ་དཀའ།།

བརྟུལ་བཞུགས་སྤྱོད་པའི་མཛེས་པའི་དྲང་སྲོང་དཀའ།།

ཡིད་བདེ་གོ་སྐབས་བྲལ་བའི་འཁོར་བ་ནས།།

བདེན་པ་མཐོང་བའི་བསྐལ་བ་ཉིན་མོའི་སྐར།།

 

རྙེད་བཀུར་འདོད་པས་དྲང་བོའི་ཤུལ་ལམ་དཀའ།།

བླང་དོར་འབྱེད་ལ་ཀུན་ནས་འཐོམས་པ་མང་།།

དོན་མེད་ཕྱོགས་སུ་བཀོལ་བའི་དིང་རི་བ།།

བསམ་ཞིང་བསམ་ན་ཡིད་ཀྱི་བདེ་བ་འཇོམས།།

 

ཀུན་རྫོབ་སྒྱུ་མའི་རང་བཞིན་མཐོང་བ་དཀའ།།

དོན་དམ་འོད་གསལ་ཡེ་ཤེས་ཐོབ་པ་དཀའ།།

ངན་འགྲོའི་གཡང་སར་ཕྱོགས་པའི་ཉེར་གཅིག་པ།།

ཕན་བདེ་སྒྲུབ་པའི་རྟེན་བཟང་ཆུད་དུ་གསོན།།

 

མཐའ་ཡས་ཤེས་བྱའི་གཏིང་མཐའ་རྫོགས་པ་དཀའ།།

གཞན་དྲིང་མི་འཇོག་ཁེར་ཚུགས་དཔའ་པོ་དཀའ།།

རྟེན་འབྲེལ་རི་མོ་གསལ་བའི་ཁམས་གསུམ་ནས།།

བདག་གཞན་བརྗེ་བའི་བསམ་པའི་འཁྱེར་སོ་དཀའ།།

 

སྡུག་བསྔལ་བདེར་འཛིན་ལོག་ཤེས་སྤྲིན་དུ་འཁྲིགས།།

ཕྱིན་ཅི་ལོག་གི་རྟོག་པས་སེམས་པ་བཅིངས།།

སྐྱེ་འཆི་རང་ན་མེད་པའི་མི་ཡུལ་ནས།།

གེགས་དང་མཚན་མའི་ཆར་བ་རྒྱུན་མི་ཆད།།

 

འདོད་པའི་འདམ་དུ་བྱིང་བས་གྲོལ་ཐབས་དཀའ།།

སྲེད་པས་བློ་མིག་བསྒྲིབས་པས་འཁོར་བ་ལ།།

ངེས་འབྱུང་སྤུ་སུད་ཙམ་ཡང་མ་སྐྱེས་པར།།

ཡང་ཡང་ལས་ཀྱི་མནར་བ་སྙིང་རེ་རྗེ།།

 

 

                ༡༦/༣/༡༧ཉིན་རང་ཤག་ནས།

 

 

 

 

 

ཆེས་གསར་བའི་དྲི་བ། ཟླ 5 12, 2016 རིགས་གྲས།:སྙན་ངག་གི་རུ་སྡེའི་ཆེད་རྩོམ་བདམས་བཀོད། | སྤྱོད་མཁན།: ཐུབ་གཞོན། (སྐར 163 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...