འབྲེལ་ཡོད་དྲི་བ།

དེ་རིང་ནི་སྤྱི་ལོ་

ཕེབས་པར་དགའ་བསུ་ཞུ།

ཉིད་ཀྱིས་དྲ་ཚིགས་འདིའི་ ནང་དྲི་བ་དྲིས་ལན་གང་རུང་ སྤེལ་ན་ཆོག ད་དུང་མི་གཞན་གྱི་དྲི་བ་དང་ དྲིས་ལན་གང་ཡིན་རུང་ལན་ འདེབས་དང་དཔྱད་འཇོག་ སྤེལ་ཆོག འདི་ནི་སྒང་བ་བོད་པའི་ཤེས་ རིག་གི་གླེང་སྟེགས་ཤིག་ཡིན་ ཕྱིར་ཚང་མས་རྒྱབ་སྐྱོར་ཡོད་ པར་བཀའ་དྲིན་ཞུ།

འདི་ནས་ཀྱང་དྲི་བ་དྲིས་ཆོག:

མཉམ་སྤྱོད་བྱེད་གནས།

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས།

tibetanqa3

ཐུ་བྷོད་དྲི་བ་ཀུན་འདུས་ཀྱི་སྐད་འཕྲིན་སྤྱི་སྟེགས tibetanqa3ཡིན་ལ། ཁྱེད་ཀྱིས་སྐད་འཕྲིན་གྱི་སྤྱི་སྟེགས་བརྒྱུད་ནས་ཀྱང་རྒྱུས་ལོན་བྱས་ཆོག འདི་ནས་ཞིབ་བརྗོད་བྱུ་རྒྱ་ཞིགལ། ཉིད་ཀྱིས་དྲི་བ་དྲིས་ལན་ལས་གཞན་ཕན་ཚུན་ལ་མཁོ་བའི་ཡིག་ཆ་དང་རྒྱུ་ཆ་སྤྲེལ་མཐུད་ཀྱི་ལམ་ནས་མཉམ་སྤྱོད་བྱས་ན་ཆོག

ཆོས་སྲིད་འོ་ཆུ་འབྱེད་པའི་རྟོགས་ལྡན་ངངམོའི་མགྲིན་གླུ། རྨ་སོག་མདུང་རིང་། 


འདེམས་ཤོག –1

                  

ཆོས་སྲིད་འོ་ཆུ་འབྱེད་པའི་རྟོགས་ལྡན་ངངམོའི་མགྲིན་གླུ།

        

           རྨ་སོག་མདུང་རིང་།

སྲིད་ཀྱི་སྤྱན་དཀྱིལ་མཐའ་ཡས་ཤིང་།།

ཐུགས་ཀྱི་དམིགས་པ་རྒྱང་རིང་བའི།།

དར་མ་འུ་དམ་བཙན་པོ་དེ།།

བདུད་རེད་ཟེར་ན་རློམ་ཐབས་བྲལ།།

སྟོན་པའི་ན་བཟའ་ལུས་གསོལ་ནས།།

གཡོ་སྒྱུའི་མདའ་མོ་འགུགས་མཁན་གྱི།།

མྱི་གསོད་ལྷ་ལུང་དཔལ་རྡོར་ཡང་།།

ལྷ་ཡིན་ཟེར་ན་འཐད་རྒྱུ་མེད།།

རྒྱ་པོའི་རྒྱལ་ས་ཆོས་བའི་བཟུང་།།

ཁྱིམ་པའི་ལྟོ་སྐལ་ཆོས་པས་བཅད།།

ཆབ་སྲིད་ཁ་ལོ་ཆོས་པས་བྱས།།

རྒྱལ་པོ་གློ་སྙིང་ག་ལ་བདེ།།

ཆོས་ལ་ཆོས་ཀྱི་ལམ་ཞིག་ཡོད།།

སྲིད་ལ་ཐེ་གཏོགས་བྱེད་དགོས་མེད།།

གྲྭ་བར་གྲྭ་བའི་ལས་ཤིག་ཡོད།།

ཁྱིམ་ལ་ལག་པ་བསྲིངས་དགོས་མེད།།

དར་མ་འུ་དམ་བཙན་པོ་ཉིད།།

ཆོས་པར་ལྷག་པར་སྡང་དོན་ཡང་།།

ཆོས་བས་སྲིད་ལ་དབང་བསྒྱུར་ནས།།

ཆོས་སྲིད་འོ་ཁྲག་བསྲེས་པའི་ལན།།

ལྐོག་གཡོ་མུན་པའི་གཏིང་རིམ་ནས།།

རལ་བ་ཅན་གྱི་དབུ་དཀྱིས་པ།།

བན་བོན་མེ་ཆུ་འཕྲད་པའི་ལན།།

འུ་དམ་ལན་པ་ག་ལ་ཡིན།།

སྲོང་བཙན་མགོ་ལ་ལྷ་བཞེང་ནས།།

འུ་དམ་དབུ་ལ་རྭ་བཙུགས་པ།།

མགོ་རིལ་ཆོས་པའི་བློ་བཅོས་ལས།།

མངོན་སུམ་ཚད་མར་གྲུབ་ལུགས་མེད།།

སློབ་དཔོན་པད་མ་འབྱུང་གནས་ཡང་།།

པད་མ་ལས་འཁྲུངས་མི་བདེན་དེ།།

ཁྲི་སྲོང་ལྡེ་བཙན་མགོ་བསྐོར་ནས།།

བཙུན་མོར་སྤྱད་པ་མི་རྫུན་ནོ།།

ཁོ་བོ་ཆོས་ལ་སྡང་བ་མིན།།

ཡང་དག་ཆོས་ལ་སུས་མི་དད།།

ཆོས་མིན་ཆོས་ལ་སྨྲ་བ་ཡི།།

ཟོག་པོ་དག་ལ་སྙིང་ནས་སྡང་།།

ཆོས་པའི་སྲིད་དོན་མཛད་དགོས་ཞེས།།

སངས་རྒྱས་གསུང་བ་ག་ལ་ཡིན།།

སྲིད་ལ་ཆོས་ཤིག་དགོས་ངེས་ཀྱང་།།

དེ་ལ་ཚད་ཅིག་ཅི་ལ་མེད།།

བོད་ཀྱི་བཙན་པོའི་རྣམ་ཐར་ན།།

ཆོས་སྲིད་སྐུད་པ་འཁེལ་འཁེལ་རེད།།

སེར་སྐྱ་ར་ལུག་འདྲེས་འདྲེས་རེད།།

འདི་ནི་རྒུད་པའི་གཞི་མ་རེད།།

སྔོན་བྱོན་ལོ་པཎ་དེ་རྣམས་ཡང་།།

ཆོས་ལ་བཀའ་དྲིན་རབ་ཆེ་ཡང་།།

སྲིད་ལ་སྲེད་པའི་མཆེ་བ་ཡིས།།

བཙུན་མའི་འགྲམ་པ་རྨས་པ་མང་།།

སྔོན་དུས་ལོ་པཎ་དེ་རྣམས་བཞིན།།

དེང་དུས་བོད་ན་སྤྲུལ་སྐུ་མང་།།

སྐུ་ལོ་རེ་རེའི་རྐང་རྗེས་ན།།

ཨ་ཁུ་སྟོན་པའི་རྣམ་ཐར་མང་།།

སྲིད་ན་སྐུ་ལོར་མིང་ཞིག་ཡོད།།

ཆོས་ན་སྐུ་ལོར་ཁྲི་ཞིག་ཡོད།།

ཁྱིམ་ན་སྐུ་ལོར་སྐལ་ཞིག་ཡོད།།

སྐུ་ལོའི་དབང་ཆ་སུམ་རྩེག་ཡིན།།

སྐུ་ལོའི་ཕྲེང་ཐག་མ་བཅད་ན།།

ཆོས་སྲིད་ཁ་ཁར་འོངས་དུས་མེད།།

ཆེས་གསར་བའི་དྲི་བ། ཟླ 5 20, 2016 རིགས་གྲས།:སྙན་ངག་གི་རུ་སྡེའི་ཆེད་རྩོམ་བདམས་བཀོད། | སྤྱོད་མཁན།: ཐོས་པ་དགའ། (སྐར 4,523 )

དྲིས་ལན་ 1 ཡོད།

འདེམ་ཤོག 0
སྐྱིད་པོ་ཞིག་བྲིས་འདུག
དྲིས་ལན་ཆེས་གསར་བ། ཟླ 8 12, 2016 སྤྱོད་མཁན།: དར་ཐུག (སྐར 103 )
ཐུ་བྷོད་དྲི་བ་ཀུན་འདུས་ཀྱིས་ཁྱེད་ལ་དགའ་བསུ་ཞུ།

ལག་རྩལ་བ། གླིང་སྟག་ཕྲུག སྐད་འཕྲིན། langxiaohu1

青ICP备15000275-1号

...